阿贡活佛 帕洛活佛简介

༄༅། །སྐྱོ་གདུང་མཆི་མའི་རླབས་རིས།

ཨ་དཀོན་རིན་པོ་ཆེ་སྐུ་བཀྲོངས་པ་ཐོས་རྗེས།

ནམ་མཁའི་གོ་ལ་ཡངས་པའི་གཤོག་ལྟེབ་ཏུ།།

རྒྱུ་སྐར་བྱེ་བའི་མེ་ཏོག་བཀྲ་བའི་ཚེ།།

མི་འདོད་རླུང་ནག་བདུད་ཀྱི་ཆོ་འཕྲུལ་གྱིས།།

མཐོ་སྒང་གོ་ལའི་ཆོན་ཐག་བཅད་ཅེས་ཐོས།།

ཤར་ནུབ་རྒྱལ་ཁམས་བྱིས་པའི་ངག་སྒོ་ནས།།

དུས་ཀྱི་སྒྲོན་མེ་བདས་པའི་གཏམ་ངན་ཞིག།

མི་འདོད་རླུང་བུས་ཕྱོགས་སུ་ཁ ;ྱེར་བ་འདིས།།

ཡིད་སྐྱོའི་སེམས་ཁམས་ཉེར་དགུའི་སྨག་ཏུ་བསྒྱུར།།

ཉེར་གཅིག་དུས་ཀྱི་ཡོ་ལང་རྒོད་པའི་ཚེ།།

གདོང་དམར་བོད་པའི་སྦྲ་ནག་གྲུ་བཞི་ཡང་།།

འདི་ལྟར་བསྒྱེལ་ན་གཏན་ནས་མི་རུང་ཞེས།།

ཁྱོད་ཉིད་གང་སར་འདུར་བ་ད་དུང་དྲན།།

དྲོད་ཁོལ་སྟོང་གིས་ཕྱུག་པའི་ཉི་མའི་འོད།།

མགོ་ནག་བོད་པའི་མིག་ལ་མཛའ་ན་ཡང་།།

ཤར་ནས་ནུབ་ཏུ་བཞུད་པའི་ལས་དབང་འདིས།།

ས་མཐོའི་གྲོང་དུ་ཡང་གཅིག་མུན་པ་རུབ།།

རིགས་ཀྱི་དཔའ་བོའི་རྣམ་ཤེས་དབྱིངས་སུ་ཐིམ།།

མགོན་མེད་དྭ་ཕྲུག་མིག་ཆུ་ཁྲག་ཏུ་བཞུར།།

སྐྱོ་སྣང་ཁོག་ཏུ་སྦྲུམ་པའི་ཉིན་ཞག་འདི།།

དུས་ཀྱི་ཆད་པ་ཡིན་ནམ་ཨ་ཙ་མ།།

འཁོར་བ་རྨི་ལམ་འདྲ་བའི་ལོ་རྒྱུས་དེ།།

དུས་གསུམ་རྒྱལ་བའི་དགོངས་པས་བཀྲལ་བ་བཞིན།།

དེ་རིང་ཕྱོགས་ནས་ཐོན་པའི་གཏམ་ངན་འདིའི།།

མི་བདེན་རྫུན་རྐུབ་གཏིང་ནས་བརྡོལ་བར་ཤོག།

རིས་མེད་དབུལ་ཕོངས་ཡོངས་ཀྱི་སྐྱབས་མགོན་ཞིག།

གློ་བུར་སྐུ་སྲོག་ཁྲག་ཏུ་བསྒྲེས་ཚུལ་གྱི།།

སྐྱོ་བའི་རྣམ་ཐར་སེམས་ལ་ལྷུང་བའི་ཚེ།།

འགྲོ་བ་མི་ཡི་རིགས་ལ་སྙིང་རླུང་ལངས།།

བསྟན་དང་འགྲོ་ལ་རྣམ་པར་འཚེ་བ་ཡི།།

ནག་པོའི་རྩ་ལག་རྡུལ་དུ་རློག་ཕོད་པའི།།

དམ་ཅན་ཆོས་སྐྱོང་སྲུང་མའི་དམག་ཚོགས་རྣམས།།

དགོས་པའི་དུས་འདིར་ཤར་ནུབ་གང་དུ་ཡིབ།།

ཀྱེ་མ་དུས་ངན་སྲིན་མོའི་མཆེ་དབར་ནས།།

དམ་པའི་སྐུ་སྲོག་ཤོར་བའི་ལས་དབང་འདི།།

ཉམ་ཐག་བོད་མིའི་སྐལ་བར་སྨིན་པ་ཡང་།།

སུ་དང་གང་ལ་ཆད་པའི་བུ་ལོན་ཡིན།།

ཕན་ཤུལ་འཆི་མེད་དབང་འདུས་ཀྱིས་ཕྱི་ལོ་༢༠༡༣ལོའི་ཟླ་༡༠ཚེས་༡༤ཉིན་མྱང་སྨད་ཉི་མ་མདོ་ནས།

阿贡活佛 帕洛活佛简介
  

爱华网本文地址 » http://www.aihuau.com/a/25101016/294421.html

更多阅读

温教授的“五大招法”三十 _方寸微博 温源 人大教授

温哥温格温教授的“五大招法”(三十)温格依靠自己多年积累的知识、经验,持续打出“教授招法”。第一招:细雨润花。春雨潜入夜,润物细无声。温格对球队文化的再造是和风细雨式的,以“文”化人,以“温”暖人。在一次训练前,温格把大家召

2014年挪威国际象棋锦标赛 全国国际象棋锦标赛

2014年挪威国际象棋锦标赛于6月2日至13日在挪威港口城市斯塔万格举行。10名棋手参加这个比赛,他们是:世界冠军卡尔森(等级分2881)、亚美尼亚国际特级大师阿洛尼安(等级分2815)、俄罗斯国际特级大师格里斯丘克(等级分2792)、意大利国际特级大

泰国演员颂恩·宋帕山个人简介 颂恩宋帕山唱泰国歌

基本资料  中文名:颂恩·宋帕山  英文名:Son Yuke Songpaisarn  泰文名:ยุกต์ ส่งไพศาล  昵称:Son (สน )  国籍:泰国  职业: 演员

JamesFranco詹姆斯·弗兰科帅得很怪…… 詹姆斯弗兰科女友

James Franco詹姆斯·弗兰科帅得很怪……2010年10月19日,詹姆斯·弗兰科的小说集《帕洛·阿尔托》上市,让人惊讶于这个一直低调但与众不同的帅哥原来有着LADYGAGA的精神。《蜘蛛侠》的那几年,自己写自己排自己演一些看名字就很荒诞的

冉拉彭措丹增活佛简介

冉拉彭措丹增活佛,于1974年出生。出生时天上出现很多彩虹,出生的第三天时就能呼喊爷爷。怀胎期间,查里寺的格西求达曾对活佛的爷爷讲:“这个胎儿你们一定要保护好,并要吃饭等方面保持干净,格西还给起名叫:冉拉桑吉嘉措,并预言说:这个孩子将

声明:《阿贡活佛 帕洛活佛简介》为网友斤说風分享!如侵犯到您的合法权益请联系我们删除